编者按:到目前,已经有110位同胞自焚,这些自焚同胞用他们的生命促成了中国境内三区藏人、海外流亡藏人的团结,但中共是很狡猾的,他们对内加强了镇压,对海外藏人加强了笼络,企图挑起藏人内部的矛盾,从中渔利。我们不能落入他们的陷阱之中,必须提高警惕。
哪个民族都会有内奸,关键是内奸的多少和对民族事业的危害程度。
内奸不可怕,可怕的是民族凝聚力的涣散。
作者:ཆབ་
དེང་ སང་ བྱེས་ འབྱོར་ བཙན་ བྱོལ་ བ་ ཙམ་ མ་ ཟད་ གཞིས་ བཞུགས་ བོད་ མིའི་ ཁྲོད་ དུའང་ བོད་ ལ་ སེམས་ ཤུགས་ ཡོད་ མདོག་ གིས་ ཁྱི་ པགས་ གྱོན་ པའི་ རྒྱའི་ རྒྱུག་ ཁྱི་ མཐོ་ སྒང་ བའི་ ས་ ཁམས་ གང་ སར་ ཇེ་ མང་ དུ་ འགྲོ་ བཞིན་ པ་ ཚོས་ རྒྱ་ དཔོན་ གྱི་ མདུན་ དུ་ མཇུག་ མ་ གཡུག་ བཞིན་ ༧ གོང་ ས་ རྒྱལ་ བ་ རིན་ པོ་ ཆེར་ འཕྱར་ ཁ་ གཏོང་ བ་ དང་ ། བཙན་ བྱོལ་ བོད་ མིའི་ སྒྲིག་ འཛུགས་ རྩ་ གཏོར། ཕྱི་ སྡོད་ བོད་ རིགས་ ནང་ རུལ་ བ་ དང་ ལག་ སྦྲེལ། རང་ རེའི་ ཕུལ་ བྱུང་ གི་ མི་ སྣ་ རྣམས་ མུན་ ནག་ གི་ བཙོན་ དུ་ བཙན་ འདེད། ཤུལ་ ལུས་ ཕ་ མ་ སྤུན་ མཆེད་ རྣམས་ འཇུ་ བཟུང་ གིས་ གཅར་ རྡུང་ བྱེད་ བཅུག་ པ་ དག་ ནི་ བོད་ གཞིས་ བྱེས་ གཉིས་ ཀྱི་ རྒྱུག་ ཁྱི་ ནང་ རུལ་ བ་ རྣམས་ ཀྱིས་ བྱས་ འབྲས་ རེད།
མི་ གྲངས་ དུང་ ཕྱུར་ ༧༢ ཙམ་ འདུས་ སྡོད་ བྱེད་ ཀྱིན་ པའི་ འཛམ་ གླིང་ གི་ འཇིག་ རྟེན་ འདིར་ འགན་ གཅིག་ ཀྱང་ འཁུར་ མི་ དགོས་ པར་ ལྟོ་ གོས་ སུས་ སྤྲད་ ན་ དེའི་ སར་ ཕྱིན་ ནས་ ཁྱི་ བཞིན་ ལྕེ་ བསྣར་ ཏེ་ མི་ བུ་ གང་ ཞིག་ གིས་ རང་ སྲེག་ གནང་ མཁན་ ལ་ ངན་ སྐུལ་ དང་ ། འདི་ ཕྱི་ གཉིས་ ཀྱི་ སྐྱབས་ གནས་ དམ་ པ་ ༧རྒྱལ་ དབང་ མཆོག་ དང་ ། དཔལ་ ལྡན་ རང་ གཞུང་ ། གཞུང་ འབྲེལ་ མ་ ཡིན་ པའི་ གཞོན་ ནུ་ ལྷན་ ཚོགས་ བཅས་ ཀྱིས་ ངན་ པ་ ལག་ སྦྲེལ་ བྱས་ ཡོད་ ཚུལ། ཚོ་ ཁག་ ག་ གེ་ མོ་ ཞིག་ གདུང་ སེམས་ མཉམ་ སྐྱེད་ དུ་ བསྐྱོད་ ཚུལ་ སོགས་ འཁྱོག་ བཤད་ བྱས་ ཏེ་ རྒྱ་ སྒོར་ འགའ་ ཐོབ་ ཐབས་ བྱེད་ པའི་ ཁེ་ སྒྲུབ་ རིང་ ལུགས་ པ་ འདི་ ཚོར་ དངོས་ མིང་ ཞིག་ བཏགས་ ན་ མཇུག་ མེད་ མི་ པགས་ གྱོན་ པའི་ རྒྱུག་ ཁྱི་ ཞེས་ འདོགས་ ཆོག རྒྱུག་ ཁྱི་ ཚོས་ ལྐོག་ ལས་ བྱེད་ པ་ ལས་ མངོན་ སུམ་ དོད་ པོའི་ ལས་ རིགས་ གང་ ཡིན་ ཡང་ སྒྲུབ་ མི་ ཐུབ། དེ་ ནི་ ཁོ་ ཚོར་ སྙིང་ སྟོབས་ མེད་ པས་ རེད།
ཡིན་ ནའང་ རྒྱུག་ ཁྱི་ འདི་ ཚོས་ ལས་ དོན་ ངོ་ མ་ གང་ ཡིན་ ཟེར་ ན། ཕྱི་ ལོ་ ༢༠༡༠ ལོའི་ ཀྲུང་ གོའི་ བོད་ རིག་ པའི་ དུས་ དེབ་ འདོན་ ཐེངས་ གཉིས་ པའི་ སྟེང་ བཀོད་ པའི་ འཐབ་ ཕྱོགས་ གཅིག་ གྱུར་ ཁང་ གི་ ལས་ དོན་ དག་ རེད། འདིར་ ལུང་ འདྲེན་ ཞུས་ ན། “ཏཱ་ ལའི་ རུ་ ཚོགས་ དང་ འགྲན་ རྒོལ་ བྱེད་ ཐུབ་ པའི་ ཕྱི་ སྡོད་ བོད་ རིགས་ སྤུན་ ཟླའི་ སྟོབས་ ཤུགས་ གསོ་ སྐྱོང་ བྱེད་ དགོས་ ” “ཕྱི་ སྡོད་ བོད་ རིགས་ སྤུན་ ཟླ་ མེས་ རྒྱལ་ ལ་ སེམས་ ཕྱོགས་ པ་ འགུག་ ཐབས་ བྱེད་ དགོས་ པ་ ” “དུས་ རབས་ ༢༠ ལོ་ རབས་ ༨༠ ནས་ བཟུང་ རྒྱལ་ ཁབ་ ནས་ ཕྱིར་ སོང་ སྟེ་ ཕྱི་ རྒྱལ་ དུ་ གནས་ སྡོད་ བྱས་ ཡོད་ པའི་ བོད་ རིགས་ སྤུན་ ཟླའི་ ལས་ དོན་ ལ་ ཤུགས་ སྣོན་ རྒྱག་ དགོས་ པ་ དང་ ། ཁོང་ ཚོ་ དང་ འབྲེལ་ བ་ བྱེད་ རྒྱུར་ ཤུགས་ སྣོན་ རྒྱག་ དགོས་ པ་ ” “ཕྱི་ སྡོད་ བོད་ རིགས་ ཀྱི་ མི་ རབས་ གཉིས་ པ་ དང་ གསུམ་ པའི་ འབྲེལ་ གཏུག་ གི་ ལས་ དོན་ ཡག་ པོ་ སྒྲུབ་ དགོས་ ཤིང་ ། “ཐོག་ མཐའ་ བར་ གསུམ་ དུ་ དབྱེ་ བ་ ཡོད་ པའི་ སྤྱོད་ ཚུལ་ འཛིན་ པ་ དང་ ། འགལ་ ཟླ་ བེད་ སྤྱོད་ བྱེད་ པ། ནང་ དཀྲུག་ ཁ་ གཏོར་ བྱེད་ པའི་ རྩ་ དོན་ དེ་ ཕྱི་ སྡོད་ བོད་ རིགས་ སྤུན་ ཟླའི་ ལས་ དོན་ གྱི་ རིམ་ པ་ ཁག་ གི་ ནང་ ཁྱབ་ དགོས་ ” ཞེས་ སོགས་ ཀྱི་ སྲིད་ བྱུས་ འོག་ ལས་ དོན་ སྒྲུབ་ ཀྱིན་ ཡོད་ པ་ གཞིས་ བཞུགས་ ལྷག་ བསམ་ ཅན་ ཞིང་ འབྲོག་ མང་ ཚོགས་ ཀྱིས་ ཉན་ འཇོག་ དགོས།
འདས་ པའི་ ལོ་ ངོ་ བཅུ་ ཕྲག་ གཅིག་ གི་ རིང་ ཀྲུང་ དབྱང་ སྲིད་ གཞུང་ གི་ གསོ་ ཁྱི་ འདི་ དག་ གིས་ ཕྱི་ ཕྱོགས་ སུ་ དོལ་ རྒྱལ་ ཕྱོགས་ ཁག་ དང་ མཉམ་ འབྲེལ་ གྱིས་ ༸གོང་ ས་ སྐྱབས་ མགོན་ ཆེན་ པོར་ མཚན་ སྨད་ ཞུས་ པ་ མ་ ཟད། བཙན་ བྱོལ་ བོད་ མིའི་ སྒྲིིག་ འཛུགས་ རྩ་ གཏོར་ གྱི་ ལས་ དོན་ སྒྲུབ་ མུས་ ཡིན། ད་ དུང་ ལོ་ རབས་ བརྒྱད་ ཅུ་ པ་ ནས་ བཟུང་ ཕྱིར་ སོང་ བའི་ བོད་ རིགས་ མི་ རབས་ གཉིས་ པ་ དང་ གསུམ་ པ་ བེད་ སྤྱད་ དེ་ རང་ བཙན་ གྱི་ ལྟ་ བ་ འཛིན་ མཁན་ དང་ དབུ་ མའི་ ལམ་ གྱི་ ལྟ་ བ་ འཛིན་ མཁན་ བར་ འགལ་ ཟླ་ བཟོས་ ཏེ་ ནང་ ཕན་ ཚུན་ དཀྲུག་ གཏོར་ གྱི་ གཏམ་ བརྗོད་ སྤེལ་ རེས་ བྱེད་ དུ་ འཇུག་ གི་ ཡོད། རྒྱུག་ ཁྱི་ ཚོར་ ཐུན་ མོང་ བའི་ ཁྱད་ ཆོས་ ཤིག་ ཡོད་ པ་ ནི་ བོད་ ལ་ སེམས་ ཤུགས་ ཡོད་ མདོག་ དང་ ལ་ ཞེན་ ཆེ་ མདོག་ གིས་ འཛུམ་ དམུལ་ ཟོལ་ གྱིས་ གནས་ ཚུལ་ འདྲ་ མིན་ ཐོག་ ཐབས་ ཤེས་ ཡོད་ རྒུ་ བཏོན་ ཏེ་ སྐད་ ཆ་ འདྲི་ བ་ དང་ ། ལ་ ཞེན་ དགོས་ གལ་ ཆེ་ ལུགས་ གླེང་ ནས་ བོད་ མིའི་ ངག་ སྒོ་ ནས་ སྐད་ ཆ་ ཅི་ ཞིག་ ཕྱིར་ འཐོན་ མིན་ ལ་ ངང་ སྒུག་ བྱེད་ པ་ དག་ རེད།
ད་ དུང་ གསལ་ བོ་ མཁྱེན་ དགོས་ རྒྱུ་ ཞིག་ ལ་ ཡུ་ རོབ་ ཀྱི་ རྒྱལ་ ཁབ་ ཁ་ ཤས་ ནང་ གི་ རྒྱ་ ནག་ གི་ གཞུང་ ཚབ་ ཁང་ དུ་ བོད་ མི་ སྐོར་ ཞིག་ སོང་ ནས་ སྤྲོ་ སྐྱིད་ བཏང་ ཡོད་ པ་ དང་ ། ཁོང་ ཚོས་ བརྗོད་ གསལ་ ལ་ རྒྱ་ ནག་ གཞུང་ ཚབ་ ཁང་ དུ་ སོང་ བ་ ནི་ བོད་ རྒྱ་ མཛའ་ འབྲེལ་ གྱི་ དོན་ དུ་ ཡིན་ ཚུལ་ གླེང་ ། བོད་ མི་ ཚོས་ ཁོ་ རང་ ཚོ་ རྒྱུག་ ཁྱི་ ཡིན་ པའི་ དཔང་ རྟགས་ དངོས་ རྙེད་ བྱུང་ ཉིན་ ནས་ ཁོ་ ཚོར་ ཁྲོས་ ཏེ་ གཅར་ རྡུང་ དང་ དམར་ གསོད་ རིགས་ གཏན་ ནས་ བྱེད་ མི་ ཉན་ པའི་ གནས་ ལུགས་ འདི་ རྟོགས་ པར་ བྱས་ ཏེ་ སེམས་ སུ་ གཟུང་ དགོས། ཡང་ གཅིག་ བཤད་ ན། ད་ ལྟའི་ དུས་ རབས་ ནི་ གནའ་ བོའི་ དུས་ རབས་ བཞིན་ གོ་ མཚོན་ ཐོགས་ པའི་ དམར་ འཛིང་ གི་ དུས་ རབས་ ཤིག་ མ་ ཡིན་ པར་ ཤོག་ སྨྱུག་ ཐོགས་ པའི་ ཀླད་ འཛིང་ གི་ དུས་ རབས་ ཤིག་ ཡིན། ཤོག་ སྨྱུག་ ཐོགས་ པའི་ ཀླད་ འཛིང་ གི་ དུས་ རབས་ ནང་ མི་ ཚང་ མས་ རང་ གི་ ཚེ་ སྲོག་ དང་ གཉིས་ སུ་ མ་ མཆིས་ པའི་ ཕ་ སྐད་ རྨང་ གཞིར་ བཏིང་ ནས་ འཛམ་ གླིང་ གི་ ལོ་ རྒྱུས་ ལ་ རྒྱུས་ ལོན་ བྱེད་ སླ་ བའི་ དབྱིན་ ཡིག་ གིས་ གཙོས་ ཤར་ ནུབ་ རྒྱལ་ ཁབ་ ཀྱི་ ཡིག་ རིགས་ མི་ ཉུང་ བ་ ཞིག་ ལ་ འབད་ འབུངས་ བགྱིས་ ཏེ་ རང་ གི་ ཐོབ་ ཐང་ རྩོད་ ཀྱིན་ པའི་ བསླབ་ བྱ་ རྣམས་ རང་ རིགས་ བོད་ མི་ ཚོས་ ཀྱང་ ལག་ ཏུ་ བླངས་ ནས་ ནང་ དམེ་ དང་ རྒྱ་ གསོད་ དམར་ འཛིང་ གི་ བསམ་ བློ་ དོར་ ཏེ་ དུས་ རབས་ ཉེར་ གཅིག་ པའི་ རྗེས་ ཟིན་ གྱི་ ཞི་ བདེའི་ གཉིས་ ཕན་ དབུ་ མའི་ ལམ་ དུ་ བསྐྱོད་ རྒྱུ་ ནི་ བོད་ མི་ ཙམ་ མ་ ཡིན་ པར་ འཛམ་ གླིང་ ཡུལ་ ཁག་ གི་ མི་ མང་ ལའང་ འབྲེལ་ བ་ དམ་ ཟབ་ ཅིག་ ཡོད་ དོ།།
ཕྱི་ ལོ་ ༢༠༠༨ ལོར་ གཞིས་ བཞུགས་ བོད་ མི་ རྣམས་ ཀྱིས་ ལག་ ཏུ་ མདའ་ མཚོན་ གོ་ ཆ་ མ་ བཟུང་ བར་ ཞི་ བའི་ ངང་ རྒྱ་ གཞུང་ གི་ གདུག་ རྩུབ་ ཅན་ གྱི་ དྲག་ གནོན་ སྲིད་ ཇུས་ ལ་ ངོ་ རྒོལ་ གནང་ བར་ རྒྱ་ གཞུང་ གིས་ སྔར་ ལས་ ལྷག་ པའི་ དྲག་ གནོན་ གྱིས་ ངོ་ རྒོལ་ བ་ ལ་ གཅར་ རྡུང་ དང་ དམར་ གསོད་ བཏང་ བས་ བོད་ མི་ རྣམས་ ཀྱི་ སེམས་ སུ་ རྨ་ ཁ་ གསར་ བ་ ཞིག་ བཟོ་ མགོ་ བརྩམས། རྨ་ ཁ་ དེས་ མདོ་ དབུས་ ཁམས་ གསུམ་ གྱི་ མཐོ་ སྒང་ བ་ རྣམས་ རྡོག་ རྩ་ གཅིག་ སྒྲིལ་ བཟོས། རྨ་ ཁ་ དེ་ ནད་ རྙིང་ དུ་ གྱུར་ ཏེ་ ཕྱི་ ལོ་ ༢༠༠༩ ལོར་ ལས་ འགུལ་ གྱི་ ངོ་ བོ་ སྔར་ ལས་ ཤུགས་ ཆེ་ རུ་ ཕྱིན་ ཏེ་ རང་ སྲེག་ ངོ་ རྒོལ་ དུ་ གྱུར། དུས་ དེ་ ནས་ བཟུང་ སྟེ་ ད་ ལྟའི་ བར་ བོད་ མི་ བརྒྱ་ ཕྲག་ ལྷག་ གིས་ རྒྱལ་ སྲས་ བྱང་ ཆུབ་ སེམས་ དཔའི་ རྟུལ་ ཞུགས་ བཟུང་ ནས་ བོད་ རྒྱལ་ ཁབ་ དང་ རང་ མི་ རིགས་ ཀྱི་ བདེན་ དོན་ དུ་ རང་ ལུས་ མེ་ རུ་ བསྒྲོན་ ཡོད། དེ་ དག་ གིས་ ཅི་ ཞིག་ མཚོན་ ཅེ་ ན། དེས་ འཚེ་ མེད་ ཞི་ བའི་ ལྟ་ གྲུབ་ ཀྱི་ ལག་ ལེན་ ཅི་ ཞིག་ ཡིན་ མིན་ འཛམ་ གླིང་ མི་ མང་ ལ་ གསལ་ སྟོན་ བྱས་ པ་ མཚོན།
དེས་ མཐོ་ སྒང་ བའི་ ཕ་ ས་ དེར་ རྒྱ་ མི་ རིགས་ ཀྱིས་ ཁྲག་ གི་ མཚོ་ མོ་ བསྐྱིལ་ ཅིང་ ཤ་ རུས་ ཀྱི་ ཕུང་ བོ་ བརྩིགས་ པའི་ འདས་ ཟིན་ གྱི་ ལོ་ རྒྱུས་ དེ་ བསྐྱར་ གླེང་ བྱེད་ ཀྱི་ མེད་ པ་ མཚོན། དེས་ ཕ་ གསོད་ ཀྱི་ ལག་ དམར་ བ་ ཚོའི་ སྙིང་ ཁྲག་ དྲོན་ མོ་ ས་ རུ་ བཏོན་ མེད་ པ་ མཚོན། དེས་ གཞིས་ བཞུགས་ བོད་ མི་ ཚོས་ རྒྱ་ གཞུང་ ལ་ གཏོར་ རྒོལ་ བྱེད་ ཐུབ་ པའི་ སྙིང་ སྟོབས་ བཅས་ མཚོན་ ཡོད། དེ་ ལྟར་ ལོས་ ཡིན་ རང་ གི་ ལུས་ པོ་ མེ་ རུ་ སྒྲོན་ པའི་ སྙིང་ སྟོབས་ ལྡན་ ན་ ལག་ ཏུ་ འབར་ རྫས་ དང་ གོ་ མཚོན་ བཟུང་ ནས་ ཕར་ རྒོལ་ བྱེད་ རྒྱུ་ ནི་ ལས་ སླ་ བོ་ ཞིག་ རེད། ཡིན་ ནའང་ ། གཞིས་ སྡོད་ བོད་ ཀྱི་ བླ་ སྤྲུལ་ དགེ་ བཤེས་ གྲྭ་ བ་ སྐོར་ ཞིག་ གིས་ རང་ བསྲེགས་ ནི་ འཚེ་ ལས་ ཤིག་ ཡིན་ ཚུལ་ མདོ་ ལུང་ དྲངས་ ཁུལ་ གྱིས་ རྒྱ་ གཞུང་ ལ་ ངོ་ དགའ་ སྤྲེལ་ ལད་ ཀྱི་ འཁྲབ་ གཞུང་ ཞིག་ འཁྲབ་ ཡོད་ པ་ སོགས་ ལ་ བལྟས་ ཡོང་ ན་ བོད་ ཀྱི་ གནས་ སྟངས་ ནི་ ཉིན་ རེར་ ཛ་ དྲག་ ཏུ་ འགྲོ་ བཞིན་ འདུག
没有评论:
发表评论