页面

2012年8月9日星期四

གུས་པས་དེང་དུས་བོད་ཡོངས་ཀྱི་གནས་སྟངས་ལ་ ལྟ་ཞིབ་བྱས་ནས་ལྟ་བ་ཅུང་ཁ་ཤས་ཞིག་།


དེང་དུས་བོད་ཡོངས་སུ་ཀྲུང་གུ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ བོད་ཡོངས་ཀྱི་འགྲིམ་འགྲུལ་ དཔའ་འབྱོར་ འཚོ་བ་དག་ལོ་ངོ་༥༠གོང་གི་གནས་སྟངས་ལས་འགྱུར་མདོག་ཆེན་པོ་ཕྱིན་ཡོད་། ཕྱོག་གཅིག་ནས་བཤད་ན་དེ་ཡི་བོད་ཀྱི་བོད་མིའི་འཚོ་བར་ཕན་པ་མང་པོ་བསྐྲུན་ཡོད་ གངས་ཅན་ཡུལ་གྱི་གངས་ཅན་པ་རྣམས་ཀྱང་ས་ཕྱོགས་གཞན་གྱི་མི་འབུམ་དང་འདྲ་བར་དེང་རབས་ཚན་རིག་ཡོ་ཆད་རྣམས་བེད་སྤྱོད་བྱས་པའི་ཐོབ་ཐང་རགས་ལས་ཡོད་། ཡིན་ཡང་ཕྱོགས་ཞན་ཞིག་ནས་བཤད་ན་ དེ་ཡིས་ལོ་མང་པོའོ་རྗེས་ལ་འདོག་ཐབས་མེད་པའི་ལས་ངན་ཡང་གང་མང་སྤྲུན་པའི་མེ་ལྕེ་འབས་ཡོད་། ཚང་མས་ཤེས་གསལ་ལ་ ཀེ་ལ་ཤ་ཡིས་བསྐོར་བའི་བོད་གངས་ཅན་ལྗོངས་ནི་སྔོན་མ་ནས་བཟུང་འཛམ་གླིང་གླིང་ཁྲན་ཆེན་པོ་འདིར་འཁར་ཡུག་སྲུང་བསྐྱོབ་ལ་ཕན་ནུས་ཆེན་པོ་འདན་ཡོད་ གངས་ལགས་ཤེ་ན་ བོད་གངས་ཅན་ལྗོངས་ནི་ས་མཐོ་བ་མ་ཟད་ asiaཡོངས་ཀྱི་ཆུ་བོ་མང་ཆེ་བའི་ཕ་ས་ཡིན་ གལ་སྲིད་ཀྲུང་གའོ་སྲིད་ཞུང་ཡིས་དཔའ་འབྱོར་ཁོ་ནར་ལྟས་ནས་བོད་ལ་འཛུགས་བསྐུན་བྱེད་པ་ལས་ ཆབ་གཅིག་དུ་འཁོར་ཡུག་སྲུང་བསྐྱོབ་ཟུང་འབྲེལ་མ་བྱས་ཚེ་མཐར་བོད་ཙམ་མ་ཟད་ ས་གཞི་རི་མོ་ཆེ་འདེའི་འགྲོ་བ་ཀུན་ལ་འདོགས་ཐབས་མེད་པའི་ཤུགས་ངན་གཅིག་ཡིན་ཆེད་ཐེབས་ངེས་ཡིན་།།ཀྲུང་གའོ་ཉེ་ཆར་གྱི་ཆབ་སྲིད་འགྲོ་སྟངས་ལས་རྒྱ་ནག་གཞུང་གི་མི་རྣམས་བོད་ཏུ་འཚོ་བར་བསྐྱལ་བ་ཡོང་བར་བྱ་ཀ་སྤྲད་པ་སོགས་ཀྱི་སྐུལ་འདེགས་ཡང་ཡང་བྱས་པ་དེས་བོད་ནང་གི་སྤྱིའི་མི་ཚད་ཡང་ཉིན་མ་ནས་ཉིན་མ་མང་རུ་སོང་གི་ཡོད་།། མི་འབངས་མང་རུ་སོང་ན་ཆབ་གཅིག་དུ་སྡོད་ནས་སོགས་ཀྱང་མྱུར་དུ་མང་རུ་བཏང་ངེས་ཡིན་པ་དེ་ལ་སྨོད་ཅི་དགོས་།།དེས་རྐྱེན་བོད་ཀྱི་ཡུལ་ལྗོངས་ལ་ཡང་ངན་པའི་ཤུགས་རྐྱེན་ཆེན་པོ་ཞིག་ཀྱང་ཐེབས་ངེས་ཡིན་།།

དུས་རབས་ཉིར་གཅིག་པ་ནི་ཚན་རིག་ཙམ་མ་ཟད་འཁོར་ཡུག་སྲུང་སྐྱོབ་ལ་ཚ་ཚ་འུར་འུར་གྱི་ལྟ་ཞིབ་དང་གླེང་མོལ་ མྱུར་ཞིབ་བྱས་པའི་དུས་རབས་གལ་ཆེན་ཞིག་ཡིན་ དེ་དང་སྟུན་ རྒྱ་ནག་ཚན་རིག་པ་རྣམས་ཀྱིས་ཀྱང་རྒྱུན་གཏན་འཚོ་བའི་ནང་གསར་འགྱུར་ལ་སོགས་པར་བོད་ནང་གི་འཁོར་ཡུག་དེ་ཇི་འདྲིའི་གལ་ཆེན་ཡིན་པར་གླིང་མོལ་ཡང་བྱས་མྱོང་ ཡིན་ཡང་ད་ཆ་ལྷ་ས་ལ་སོགས་པའི་བོད་ཀྱི་གྲོང་ཁྱིར་མང་ཆེ་བར་འཁོར་ཡུག་ལ་སྲོང་བསྐྱབ་བྱེད་རྒྱུ་ལྟ་ཅི་ སྙིང་པོ་མེད་པའི་དོན་མེད་ཀྱི་འཛུགས་བསྐུན་གླད་པ་མེད་པ་ལྟ་བུ་བྱེད་ཀྱི་ཡོད་།། དེས་ལྷ་ས་ལ་བཞུགས་ཡོད་པའི་བོད་པ་རྣམས་ཀྱིས་ཀྱང་མི་འདོདོ་པ་ལྟ་སྟངས་ངན་པ་བྱུང་ཀྱི་ཡོད་།།   

བྱས་ཙང་དུས་རྒྱུན་དུ་ནས་འཁོད་ཡུག་ལ་ལྟོག་ཞིན་མ་བྱས་པར་གླད་མེད་ཀྱི་འཛུགས་བསྐྲུན་ཁོ་ན་བྱས་ན་ མཐར་ང་ཡི་ཕ་ཡུལ་བོད་དེ་ལ་རྗེས་སུ་ སྔོན་མ་བོད་ཟེར་བའི་གྲོང་འཁྱེར་ལྷ་ས་ལ་པོ་ཏ་ལ་ཟེར་བ་ཞིག་ཡོད་ ནག་ཆུ་ལ་རྕ་ཐང་ཆེན་པོ་ཡོད་ ཉིང་འཁྲའི་ཁུལ་ལ་ཡུལ་ལྗོངས་མཛེས་པོ་ཡོད་ཟེར་བ་ཆགས་ངེས་ཡིན་།།

འཇུག་དུ་གུས་པས་རེ་བར་བོད་ཀྱི་ཡུལ་ལྗོངས་རིག་གནས་ལ་སོགས་པ་ནི་སྔོན་མ་ལྟར་འཛམ་གླིང་ཡོས་སུ་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ་པ་ཤོག་  ས་ཕྱོགས་གང་སར་བསྡད་པའི་བོད་མི་རྣམས་པས་ཀྱང་མུ་མཐུད་བོད་ཡིག་ ངེས་ཚའོ་ཕ་མེད་ཀྱི་བཞགས་པའི་གཅེས་ནོར་འདིར་གཅེས་སྤྲད་གང་མང་གནང་རོགས་།།
བཀྲ་ཤིས་བདེ་ལེགས་།།

没有评论: